གྲ་ནང་རིག་གནས། གངས་ཅན་རྒྱན་གཅིག 看看扎囊文化名人都有谁?

གྲ་ནང་རིག་གནས། གངས་ཅན་རྒྱན་གཅིག 看看扎囊文化名人都有谁?

阳光西藏 内地男星 2017-11-20 17:39:12 248

ཉི་འོད་སྣམ་བུའི་བསླས་འཐག་བཟོ་གྲྭ།

阳光氆氇编织厂

     སྣམ་བུ་ནི་རྒྱུ་བལ་ལས་བྱས་ཏེ་འཐག་པའི་བོད་མི་རིགས་ཀྱིས་སྤུས་དག་ལག་རྩལ་ཐོན་རྫས་ཤིག་ཡིན་ལ།   བོད་རིགས་མི་སེར་ཀུན་ཀྱིས་གནའ་སྔ་མོ་ནས་དགའ་བསུ་ཆེན་པོ་ཐོབ་ཡོད། གྲ་ནང་རྫོང་ནི་བོད་ཀྱི་ལྷོ་རྒྱུད་དང་། ཡར་ཀླུང་གཙང་པོའི་དབུས་རྒྱུད། གངས་དཀར་ཏེ་སེའི་ལྷོ་རྒྱུད་ཀྱི་རི་འདབས་སུ་ཆགས་ཡོད་པ་དང་།ལོ་རྒྱུས་ཐོག་མི་འབོར་མང་བ་དང་ས་ཁུལ་གུ་དོག་པོ་ཡིན་ཞིང་ཐོན་ཁུངས་དཀོན་པས། གྲ་ནང་བ་མང་ཆེ་བས་ལག་ཤེས་བཟོ་ལས་དང་ཚོང་གཉེར་བྱེད་ཀྱི་ཡོད་པ་རེད།དུས་ཡུན་ཧ་ཅང་རིང་བའི་ལག་ཤེས་བཟོ་ལས་ཀྱི་ལོ་རྒྱུས་ལས་གྲ་ནང་རྫོང་ལ་སྣམ་བུའི་ཡུལ་མཆོག་ཅེས་པའི་མཚན་སྙན་ཐོབ་པ་རེད།

    དུས་རབས་གོང་མའི་ལོ་རབས་བརྒྱད་བཅུའི་རྗེས་སུ།སྣམ་བུ་ནི་ས་གནས་དེའི་མི་རིགས་ཀྱི་ལག་ཤེས་བཟོ་ལས་གཙོ་བོ་རུ་གྱུར་ནས་མགྱོགས་མྱུར་ངང་གོང་འཕེལ་ཕྱིན་ཞིང་། གྲ་ནང་རྫོང་གི་རིན་ཆེན་གྱིས་ཀྱང་དུས་རབས་དེར་ལྷ་ས་རུ་སྣམ་བུའི་ཚོང་གཉེར་ཏེ་མ་རྩ་བསགས་ནས། ད་ལྟ་གྲ་ནང་རྫོང་ཉི་འོད་སྣམ་བུ་བཟོ་གྲྭའི་འགན་འཛིན་མཁན་དུ་གྱུར་བ་མ་ཟད། ཁོང་གིས་སྣམ་བུ་འཐག་པའི་ལག་རྩལ་ལྡན་པའི་ཞིང་འབྲོག་མང་པོ་གསོ་སྐྱོང་བྱས་ཡོད་པ་རེད། ཁོང་གི་གཉེར་བའི་ཉི་འོད་སྣམ་བུ་འཁལ་འཐག་བཟོ་གྲྭ་ནི་སྤྱི་ལོ་༢༠༠༥ལོར་བཙུགས་པ་དང་།  སྣམ་བུའི་ཐོན་རྫས་སྤུས་དག་ཅིང་། འཛད་སྤྱོད་པས་ཤིན་ཏུ་མཉེས་པོ་གནང་གི་ཡོད། 

氆氇(pǔlu)是用羊毛家织的毛料,藏族人用它缝制衣裤和藏袍、藏帽、藏靴,这是西藏高原上最普遍、最常见、最有民族特性的穿着。氆氇实为手工织成的毛呢,也叫藏毛昵。氆氇是加工藏装、藏靴、金花帽的主要材料。氆氇曾是西藏主要贡品,以扎朗、浪卡子、江孜、芒康等地产的最为著名。2005年,山南在原农民合作的小企业基础上,在硬件和软件建设上投入300万元建造了规模大、职工人数57人的扎囊县阳光氆氇厂基地。在负责人仁青的带领下该厂现拥有职工百余人,每年平均收入近250万元,不仅带动农牧民增收致富,而且解决了当地部分的孤儿、残疾人和困难户的就业问题。

གྲ་ཐང་ལྡེབས་རིས།

扎唐壁画

       གྲ་ཐང་དགོན་གྱི་ལྡེབས་རིས་ནི་དུས་རབས་བཅུ་གཅིག་པའི་ནང་བཞེངས་པའི་ཁྱད་པར་ཅན་གྱི་ལྡེབས་རིས་བརྩམས་ཆོས་ཞིག་ཡིན།གྲ་ཐང་ལྡེབས་རིས་ཀྱི་ཁྱད་ཆོས་ལ་སྐུ་འདྲ་རྣམས་ཀྱི་བྲིས་ཚུགས་རྒྱ་གར་བྱང་ཤར་གྱི་པ་ལའི་རྒྱལ་རབས་སྐབས་ཀྱི་ལ་ཐོད་དབུ་ཞྭ་གསོལ་བ་དང་།གོང་བ་ཟུར་གསུམ་ཅན་གྱི་ཕྱུ་པ་ཕུ་ཐུང་རིང་པོ་ཅན་དང་།  ཞབས་ལ་སྣེ་མོ་ཅུང་འཁྱིལ་བའི་ལྷམ་གསོལ་བ་བཅས་ཆ་ལུགས་ཐད་དམིགས་བསལ་གྱི་རྣམ་པ་ཞིག་ཆགས་ཡོད།

    གྲ་ཐང་ལྡེབས་རིས་ལ་རི་མོ་འབྲི་ལུགས་ཀྱི་ངོས་ནས་བརྗོད་ན། ཕུལ་དུ་བྱུང་བའི་བརྩམས་ཆོས་ཤིག་ཡིན་པར་བརྟེན།རྒྱལ་ཁབ་ཕྱི་ནང་གྱི་བོད་རིག་པ་ཞིབ་འཇུག་མཁན་མང་པོས་ཞིབ་མཇུག་གནང་གི་ཡོད། འདི་ལྟ་བུའི་ངོ་མཚར་གྱི་ལྡེབས་རིས་སྒྱུ་རྩལ་དེ་རྒྱུད་འཛིན་དང་དར་སྤེལ་གཏོང་ཆེད།ཐང་ག་འབྲི་མཁན་གྲགས་མཁན་རྡོ་རྗེ་རྒྱལ་པོ་ལགས་ཀྱིས་གྲ་ཐང་རི་མོའི་སྒྱུ་རྩལ་གླིང་གཉེར་ནས་རིན་ཐང་བྲལ་བའི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་ཆེ་བ་རྣམས་བསྡུས་ནས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་གཞག་བསྒྲུབས་ཡོད།

扎唐寺壁画是一组目前已发现的西藏早期的罕见壁画,迄今有900多年的历史,是十一世纪西藏本土艺术家在壁画风格的基础上吸收,融合了印度、尼泊尔、敦煌、波斯国等地艺术风格的杰作,是具有很高的历史价值、艺术价值、和研究价值。为了更好的保护和传承扎塘寺壁画绘画风格和技巧,继承优秀的民族文化遗产唐卡绘画师多吉杰布创立了自己的风格,培养青年技艺人才。2016年被列为县级非物质文化遗产名录。

གྲ་ནང་ཤིག་བརྐོས།

虱雕

    གོང་རིམ་ནས་མི་རིགས་ཁག་གི་ལག་ཤེས་དང་ཐོན་སྐྱེད་སོགས་སྲོལ་རྒྱུན་རིག་གནས་ལ་མཐོང་ཆེན་གནང་བས།གྲ་ཕྱི་ཤིག་བརྐོས་ཕྱག་རྒྱུན་གྱི་ཤིང་བརྐོས་ལག་རྩལ་ལ་ཡང་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་བཅས་སྲུང་སྐྱོབ་བྱས་པའི་གོ་སྐབས་བཟང་པོ་ཐོབ་ཡོད། གྲ་ཕྱི་ས་མཚམས་གྲོང་ཚོའི་པད་མ་དགྲ་འདུལ་ལགས་ཀྱིས་སྔར་གྱི་དགེ་རྒན་བཟང་པོའི་ཕྱག་རྒྱུན་རྒྱུན་སྤེལ་བྱ་ཆེད།རི་མོ་དང་ཤིང་བརྐོས་ལ་མཁས་པའི་རྒན་རབས་མཁས་པ་མང་པོ་དགེ་རྒན་དུ་བསྟེན་ནས་ཤིང་བརྐོས་དང་རི་མོའི་བརྐོས་རྩལ་སླར་གསོ་བྱ་འགོ་ཚུགས་ཡོད། 

  西藏民间木雕是一种历史悠久的民族手工艺术,在长期的历史变迁中发展和形成,成为藏民族文化宝库中最璀璨的明珠,尤其扎囊县扎其木雕技艺高超,而且具有奇特的名字来源——“虱雕”。

གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ལྕགས་བྱམས་སྒྲོལ་མ།

རྩོམ་སྒྲིག་པ། ཚེ་རིང་དབང་མོ།

主编:吾见才让

副主编:吉先卓玛

编辑:次仁旺姆

  སེམས་ཀྱི་ཞིང་ཁམས་ཞེས་པའི་སྐད་འཕྲིན་འདི་ནི། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། གླུ་གར་ལ་སོགས་གཙོ་བོར་སྤེལ་བའི་རྒྱལ་ཡོངས་ཀྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་གཞུང་ཕྱོགས་སྤྱི་དམངས་སྐད་འཕྲིན་སྟེགས་བུ་གཅིག་པུ་དང་། བོད་ཀྱི་ཤེས་རིག་རྒྱུས་ལོན་བྱེད་སའི་དབང་གྲགས་ཅན་གྱི་སྐར་ཁུང་ཞིག་ཀྱང་ཡིན་པས། རྒྱ་ཆེའི་སྤྱོད་མཁན་ཚོས་སྐད་འཕྲིན་འདིར་དོ་སྣང་བྱེད་པའི་དུས་མཚུངས་སུ། ཁྱེད་ཀྱི་སེམས་ཁོངས་ན་འཕྱུར་བའི་བརྗོད་བྱ་དག་རྩོམ་ལུས་སྣ་ཚོགས་ལ་དྲངས་ནས། ཁྱད་པར་དུ་པར་རིས་དང་བརྙན་ཐུང་གི་བརྩམས་ཆོས་གང་མང་འདི་གར་བསྐུར་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།།

འབྲེལ་གཏུགས་བྱེད་ས། ༢༠༤༣༢༢༠༡༥༥@qq.com

  “阳光西藏”是西藏电视台以西藏历史文化、民俗旅游、藏族歌舞为主要内容的全国唯一藏汉双语官方微信公众平台,是您了解西藏,阅读西藏的权威窗口,我们秉承“权威发布,多样服务”的宗旨,希望广大用户踊跃投稿!

联系地址:[email protected]


取消

感谢您的支持鼓励,我会继续努力的!

文章地址:

用户邮箱:

打赏金额:USDT

点击”去打赏“,即可进行打赏支持本文章哦

发表评论