སྐལ་བཟང་ཚེ་རིང་དང་རྡོ་རྗེ་སྐྱིད་གཉིས་ཀྱི་གཞས་གསར尕藏才让VS多吉杰新歌

སྐལ་བཟང་ཚེ་རིང་དང་རྡོ་རྗེ་སྐྱིད་གཉིས་ཀྱི་གཞས་གསར尕藏才让VS多吉杰新歌

“藏区优先平台,  10万同胞共同关注。”


聆听雪域天籁感受藏簇风情

བརྙན་ལ་གཟིགས་སྐབས་སྐུད་མེད་དྲ་བ་མཐུད་རྒྱུ་མ་བརྗེད

建议链接WiFi后观看


ངག་གི་དྲིས་གླུ།                              


ཚིག བེ་དུང་། 

དབྱངས། སྒྱིས་ཚང་སྐལ་བཟང་ཚེ་རིང་།

མཉམ་ལེན། སྒྱིས་ཚང་སྐལ་བཟང་ཚེ་རིང་།རྡོ་རྗེ་སྐྱིད།


བོད་པའི་བུ་མོ་ཁ་འཇམ་གཤིས་འཇམ་མ།།

གཡང་དཀར་འབྲི་མོ་བཞོ་མཁན་སུ་ཞིག་རེད།།

བརྩེ་བའི་འབྲི་མོ་བཞོ་མཁན་ང་རང་ཡིན།།

ང་ནི་གཡང་དཀར་འབྲི་ཡི་བདག་མོ་ཡིན།།

བོད་པའི་བུ་ཆུང་རུས་བཟང་རིག་བཟང་བོ།།

ཕ་སྐད་གཙང་མ་བཤད་ནོ་སུ་ཞིག་རེད།།

བོད་ཕྲུག་ཕ་སྐད་བཤད་མཁན་ང་རང་ཡིན།།

ང་ནི་དབྱངས་གསལ་སོ་བཞིའི་རྐང་འཛིན།།

བོད་པའི་བུ་མོ་གཤིས་ཡག་སེམས་ཡག་མ།།

ཕ་མ་སེམས་ཀྱིས་སྐྱོང་ནོ་སུ་ཞིག་རེད།།

བྱམས་བརྩེའི་ཕ་མ་སྐྱོང་མཁན་ང་རང་ཡིན།།

ང་ནི་དྲིན་ཆེན་ཕ་མའི་སེམས་རྟེན་ཡིན།།

བོད་པའི་བུ་ཆུང་སྐད་ཡག་འཛུམ་ཡག་གོ།།

པི་ཝང་འབྲུག་མགོ་དཀྲོལ་ནོ་སུ་ཞིག་རེད།།

གདངས་སྙན་པི་ཝང་དཀྲོལ་མཁན་ང་རང་ཡིན།།

ང་ནི་རྒྱུད་དྲུག་སྒྲ་ཡི་བདག་པོ་ཡིན།།

བོད་སྦྲ་སྨུག་ཆུང་ལྷ་ཁྱིམ་གུར་ཁྱིམ་ཡིན།།

བུ་དང་བུ་མོ་ལྷ་མི་དཔལ་མི་ཡིན།།

ཕྲེང་འཛིན་བོད་པའི་གདུང་རྒྱུད་ང་རང་ཡིན།།

ང་ནི་རང་རེའི་བོད་གཞས་ལེན་མཁན་ཡིན།།



࿉གྲོགས་པོ་ཚོའི་འོག་གི་བརྡ་ཁྱབ་ཅིག་གནོན་རོགས།࿉ ཐུགས་རྗེ་ཆེ།

尕藏东智音乐平台

尕藏东智音乐平台

བོད་ཀྱི་གློག་བརྙན་དང་གནའ་དེང་གླུ་གཞས་དགོད་བྲོའི་བརྙན་ཐུང་སོགས་སྤེལ།

发表评论